རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ།
ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ ཚེས་ ༢༣ ནས་༢༦
ཨ་རི་ཇོར་ཇི་ཡ་མངའ་སྡེའི་གྲོང་ཁྱེར་ཨེཏ་ལན་ཌར་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་།
ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལས་རིམ་གྱི་ཆ་ཤས་ལྟ་བུར། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འདི་བཞིན་ཨེ་མོ་རི་གཙུག་ ལག་སློབ་གཉེར་ཁང་དུ་བསྡུ་བཞིན་ཡོད།འཛིན་གྲྭའི་ནང་དུ་སྐད་སྒྱུར་དང་དེ་མིན་གྱི་ཚན་རིག་ཤེས་བྱ་བོད་ཡིག་ཏུ་སྒྱུར་བ་སོགས་ནི་ཚན་རིག་ ལས་འཆར་འདིར་མཚོན་ན་ཆེས་གལ་འགངས་ཆེ་བའི་ལས་གཞི་ཞིག་ཡིན་པར་བརྟེན།བགྲོ་གླེང་འདི་བརྒྱུད་ནས་ང་ཚོས་བོད་ཕྱི་ནང་ གཉིས་ནས་འོང་བའི་ལོ་ཙྰ་་བ་སོ་སོའི་བསམ་ཚུལ་དང་ཉམས་མྱོང་། སྒྱུར་ཐབས་ཀྱི་དཀའ་གནད་སོགས་ཕན་ཚུན་བརྗེ་རེས་དང་། འབྱུང་འགྱུར་གྱི་ཡིག་སྒྱུར་བྱ་བར་གཅིག་གྱུར་རང་བཞིན་ཞིག་ཡོང་ཐབས་ལ་དམིགས་བཞིན་ཡོད་ལ། དེ་ཙམ་དུ་མ་ཟད། བགྲོ་གླེང་འདི་བརྒྱུད་ནས་ང་ཚོས་དགེ་རྒན་རྣམ་པ་དང་། ལོ་ཙྰ་བ་རྣམ་པ། བོད་སྐད་ཡིག་ལ་མཁས་པ། དེ་བཞིན་རྒྱལ་སྤྱི་རིམ་པའི་དགེ་རྒན་དང་སློབ་མ་ཚང་མར་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་ལས་གཞི་འདིར་གོ་རྟོགས་དང་སེམས་ཤུགས ་སྤེལ་ཐབས་སུ་དམིགས་བཞིན་ཡོད། བགྲོ་གླེང་འདི་ཉིད་མངོན་དུ་འགྱུར་བ་ལ་ང་ཚོར་ Claus M. Halle རྒྱལ་སྤྱིའི་གོ་རྟོགས་སློབ་གཉེར་ཁང་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་བདེ་དོན་ཚན་ཁག་གི་མཐུན་འགྱུར་རོགས་རམ་ཐོབ་ཡོད།
| དམིགས་ཡུལ། | |
| • | ཚན་རིག་ཡིག་སྒྱུར་བྱ་བར་ཉམས་མྱོང་དང་རིག་པ་བརྗེ་རེས་བྱེད་པའི་གོ་སྐབས་བསྐྲུན་རྒྱུ། |
| • | སྒྱུར་ཐབས་གསར་པ་དང་། གཅིག་གྱུར་ཡོངས་ཐབས། ཚན་རིག་དང་རྩིས་རིག་གི་ཡིག་སྒྱུར་བྱ་བར་ཞིབ་འཇུག་གཏིང་ཟབ་བྱེད་ཐབས། |
| • | བོད་ཕྱི་ནང་གཉིས་སུ་ཡོད་པའི་ལོ་ཙྰ་་བ་ཚོའི་ཁྲོད་ཕན་ཚུན་རྒྱུས་ལོན་དང་། འབྲེལ་འདྲིས། མཉམ་ལས་བཅས་ཡོང་བར་ཁོར་ཡུག་སྐྲུན་རྒྱུ། |
| • | ཡིག་སྒྱུར་བ་ཚོར་རང་རང་གི་བྱ་བཞག་ཁག་ལོ་ཙྰ་་བ་གཞན་དང་དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ལ་བགོ་འགྲེམ་བྱ་བར་སྟེགས་བུ་བསྐྲུན་རྒྱུ། |
གོ་སྒྲིག་པ། |
|
| ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས། | |
མཉམ་ལས་སྦྱིན་བདག |
|
| ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལས་གཞི། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས། Claus M. Halle རྒྱལ་སྤྱིའི་གོ་རྟོགས་སློབ་གཉེར་ཁང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་བདེ་དོན་ཚན་ཁག |

