བོད་གཞུང་གི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་བོད་ཀྱི་མདུན་ཕྲག་ལ་ཞུགས་པ།
༢༠༠༩ ལོའི་ཕྱི་ཟླ་༣ ཚེས་ ༢༥ ཉིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ཨེ་མོ་རི་གཙུག་ལག་སློབ་ གཉེར་ཁང་གི་བོད་ཀྱི་བདུན་ཕྲག་གི་ལས་རིམ་ཐོག་ཆེད་ཕེབས་ཀྱིས་བོད་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཟླ་༣ ཚེས་༢༦ ཉིན། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་Claus M. Halle རྒྱལ་སྤྱིའི་གོ་རྟོགས་ ་སྡེ་ཁག་གིས་བོད་ཀྱི་སྐུ་ཚབ་དོན་གཅོད་ལགས་ལ་ཆེ་མཐོང་གི་གསོལ་ཚིགས་དྲངས་པ་དང་། འབྲེལ་ཡོད་མི་སྣ་དང་གསར་འ གོད་པ་བཅས་མི་གྲངས་བརྒྱ་ཕྲག་དུ་མ་འཛོམས་སར་ཁོང་གིས་བོད་ཀྱི་མིག་སྔའི་གནས་བབ་ངོ་སྤྲོད་དང་། དེ་བཞིན་༧གོང་ས་ མཆོག་དང་བོད་གཞུང་། དེ་བཞིན་བོད་མི་མང་མང་ཚོགས་ཀྱི་མངོན་འདོད་བཅས་ཀྱི་ཐད་ལ་ངོ་སྤྲོད་དང་། བོད་མི་བཙན་བྱོལ་ དུ་གྱར་ནས་མི་ལོ་ལྔ་བཅུ་འཁོར་བའི་དཀའ་སྡུག་གི་ལོ་ཟླ་དང་ཉམས་མྱོང་ངོ་སྤྲོད་བྱས་ཡོད།
གསུང་བཤད་གྲུབ་རྗེས་གསར་འགོད་པ་དང་མི་མང་གིས་བོད་ཀྱིས་དཀའ་རྙོག་དང་འབྲེལ་བའི་དྲི་བ་དྲིས་ཤིང་། རྒྱ་ནག་དམར ཕྱོགས་ཚོགས་པས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་བོད་གཞུང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སྡོད་རྒྱ་རིག ས་ཡོངས་ཕྱིར་ཕུད་དགོས་པའི་བླངས་བྱ་བཏོན་ཡོད་ལུགས་ཀྱི་རྫུན་གཏམ་བཤད་པ་དེར་ཡ་ལན་གང་ཞིག་སྤྲོད་ཡོད་མེད་སོགས་ ཀྱི་ཐད་ལ་ཡང་གསལ་བཤད་གནང་སོང་།
འབྲེལ་ཡོད་གནས་ཚུལ་གཞན།
བོད་ཀྱི་བདུན་ཕྲག་ཉིན་མཐའ་མ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆོ ས་ལུགས་སྡེ་ཁག་གི་སློབ་དཔོན་ཊྰ་ར་ཌོལི་ ལགས་ཀྱིས་གསུང་བཤད་གནང་བཞིན་པ།འབྲེལ་ཡོད་པར་རིས་གཞན་ལ་གཟིགས་ན་འདིར་གནོན།


