༢༠༠༩ལོའི་བོད་ཀྱི་བདུན་ཕྲག་རྒྱལ་ཁའི་ངང་མཇུག་བསྡུ་བ།

༢༠༠༩ ལོའི་ཕྱི་ཟླ་༣ ཚེས་ ༢༨  རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཨེ་མོ་རི་གཙུག་ལག་སློབ་ གཉེར་ཁང་གི་བོད་ཀྱི་བདུན་ཕྲག་གི་ལས་རིམ་ཡོངས་སུ་མཇུག་སྒྲིལ་བའི་མཛད་སྒོ་ཚོགས་ཡོད་པ་དང་། འབྲེལ་ཡོད་མི་སྣ་ དང་མཛད་སྒོར་ཞུགས་པའི་མི་མང་བརྒྱ་ལ་ཉེ་བ་འཛོམས་སར་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་འགན་འཛིན་དགེ་བཤེས་ བློ་བཟང་བསྟན་འཛིན་དང་། ཆོས་ལུགས་ཚན་ཁག་གི་སློབ་དཔོན་ཊྰ་ར་ཌོ་ལི་གཉིས་ནས་མཇུག་སྡོམ་གསུང་བཤད་དང་འབྲེ ལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།  

མཇུག་སྡོམ་མཛད་སྒོར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་གསོལ་སྨོན་དབྱངས་རྟ་ གྱེར་བ་དང་མཉམ་བཞག་གི་སྒོམ་ལ་ཞུགས་ཤིང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འཛིན་སྐྱོང་འགན་འཛིན་ སྒྲོལ་མ་སྐྱབས་ལགས་ཀྱིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་སུ་བྱུང་བའི་བོད་ནང་གི་རིག་གཞུང་ཉམས་ཆག་དང་། བ ཙན་བྱོལ་ནས་བོད་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་བྱུང་རིམ་ངོ་སྤྲོད་བྱས་པ་དང་། ལྷ་བྲིས་པ་བསྟན་འཛིན་ ནོར་བུ་ལགས་ཀྱིས་ཚོགས་འདུས་ཀྱི་མདུན་ནས་མེ་ཏོག་པདྨ་ནོར་བུའི་དཀྱིལ་སྙིང་ཅན་ཞིག་བྲིས་ནས་བོད་ཀྱི་སྲོལ་རྒྱུན་རི་མོའི་ སྒྱུ་རྩལ་གྱི་ཡིད་དུ་འོང་བའི་མཚོན་དོན་འགྲེལ་བརྗོད་བྱས།

བོད་ཀྱི་མདུན་ཕྲག་གི་ལས་རིམ་ཁག་ཉིན་འདི་ནས་བཟུང་མཇུག་སྒྲིལ་ཟིན་ན་ཡང་། ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་ངོས་ ནས་ད་དུང་ཡང་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དང་། དེ་བཞིན་བོད་ལུགས་གསོ་བ་རིག་པ་དང་རྩིས་ཀྱི་ངོ་སྤྲོད་གནང་བའི ་ལས་རིམ་ཞིག་བདུན་ཕྲག་རྗེས་མར་མུ་མཐུད་ནས་གཉེར་རྒྱུ་རེད།

འབྲེལ་ཡོད་གནས་ཚུལ་གཞན།

བོད་ཀྱི་བདུན་ཕྲག་ཉིན་མཐའ་མ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆོ ས་ལུགས་སྡེ་ཁག་གི་སློབ་དཔོན་ཊྰ་ར་ཌོལི་ ལགས་ཀྱིས་གསུང་བཤད་གནང་བཞིན་པ།
བོད་ཀྱི་བདུན་ཕྲག་ཉིན་མཐའ་མ།ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང ་གི་འཛིན་སྐྱོང་འགན་འཛིན་སྒྲོལ་མ་སྐྱབས ་ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།
བོད་ཀྱི་བདུན་ཕྲག་ཉིན་མཐའ་མ།ནོར་གླིང་གི་ལྷ་བྲིས་དགེ་རྒན་བསྟན་འཛིན་ ནོར་བུ་ལགས་ཀྱིས་རི་མོ་འབྲི་བཞེངས་ཀྱི་འ གྲེམ་སྟོན་གནང་བཞིན་པ།

 

འབྲེལ་ཡོད་པར་རིས་གཞན་ལ་གཟིགས་ན་འདིར་གནོན།

 


Free Dreamweaver CS4 templates for Adobe Dreamweaver