རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ།
༢༠༠༩ ལོའི་ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་བོད་ཀྱི་བདུན་ཕྲག་གི་ལས་རིམ་གཙོ་བོ་གཅིག་ནི་ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི ་ཚན་རིག་ཡིག་སྒྱུར་བྱ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འདི་ཉིད་ཡིན་ངེས་ལ། བོད་ཀྱི་བདུན་ཕྲག་གི་ཉིན་དང་པོརའི་ཞོ གས་པའི་ཆུ་ཚོད་དགུ་པ་ནས་ཚོགས་འདུ་དངོས་སུ་འགོ་འཛུགས་བྱས་ཡོད། ཉིན་དེར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ གི་སློབ་གསོ་པོལ་ལགས་དང་། Claus M. Halle རྒྱལ་སྤྱིའི་གོ་རྟོགས་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛི ན། དེ་བཞིན་ལས་གཞི་འདིའི་རྐང་འགན་འཁུར་མཁན་དགེ་བཤེས་བློ་བཟང་བསྟན་འཛིན། བོད་ཀྱི་དཔེ་མཛོད་ཁང་གི་འགན་ འཛིན་དགེ་བཤེས་ལྷག་རྡོར་སོགས་འབྲེལ་ཡོད་མི་སྣ་བཅུ་ཕྲག་རེ་ཟུང་འཛོམས་ཡོད།
བགྲོ་གླེང་གཙོ་སྐྱོང་བ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་བོད་ནས་གདན་དྲངས་པའི་མཁས་པ་དག་ཚོགས་འདུ་འདིར་ཞུག ས་མ་ཐུབ་པའི་གནས་ཚུལ་ངོ་སྤྲོད་གནང་བ་དང་བསྒྲགས། བགྲོ་གླེང་འདིའི་དབུ་འབྱེད་དུ་ཕེབས་པའི་སྐུ་མགྲོན་ཚོར་འཚམས་འ དྲི་ཞུས་ཡོད། གཙུག་ལག་སློབ་གཉེར་ཁང་གི་སློབ་གསོ་པོལ་ལགས་ཀྱིས་ལས་གཞི་འདི་ནི་བོད་ཀྱི་སྐད་ཡིག་རིག་གནས་ དང་བཅ ས་པར་དགེ་ཕན་ལྡན་པའི་ཞབས་ཞུ་བསྒྲུབ་རེའི་ཐོག་ནས་འགོ་འཛུགས་པ་ཞིག་དང་། རེ་འདུན་དེ་ཉིད་མངོན་འགྱུར་ ཡོང་བ་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ཁོང་རང་ཉིད་ཀྱི་ངོས་ནས་ནམ་ཡང་རྒྱབ་སྐྱོར་གཙང་མ་ཡོད་ལུགས་གསུང ས་སོང་།
ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཆེད་ལས་ལོ་ཙྰ་བ་དང་། བོད་ཀྱི་ཚན་རིག་པ་སོགས་འདུ་འཛོམས་བྱུང་ཡོད་པ་མ་ཟད། དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ཚན་རིག་པ་རྣམས་ཀྱང་སྐབས་སོ་སོའི་སློབ་ཚན་ནམ་བགྲོ་གླེང་གི ་རིམ་པ་ལྟར་མཉམ་ཞུགས་ཀྱིས་དེང་རབས་ཚན་རིག་གི་བརྡ་ཆད་རིག་པར་འགྲེལ་བརྗོད་ཀྱི་རོགས་འདེགས་ཞུས་ཡོད།
འབྲེལ་ཡོད་གནས་ཚུལ་གཞན།
བགྲོ་གླེང་ཚོགས་འདུའི་ཉིན་དང་པོ། བགྲོ་གླེང་གཙོ་སྐྱོང་བ་བརྩོན་འགྲུས་བསམ་ འཕེལ་ལགས་ཀྱིས་དབུ་འབྱེད་གཏམ་བཤ ད་སྤཻལ་བཞིན་པ།
བགྲོ་གླེང་ཚོགས་འདུ་མཇུག་བསྡུ་བའི་ཉིན་ལ་བོད་ཀྱི་སྐུ་ཚབ་དོན་ གཅོད་བློ་བཟང་སྙན་གྲགས་ལགས་ཆེད་བཅར་གནང་བ།ཐེངས་འདིར་གཏན་འབེབ་བྱུང་བའི་བརྡ་ཆད་ལ་གཟིགས་ན་འདིར་གནོན།
