འགྲོ་བ་མི་ཐུན་མོང་གི་ཆེད་དུ་ཤར་ནུབ་འཇིག་རྟེན་གཉིས་ལྷན་དུ་མཚམས་སྦྱོར་བ།
ཕྱི་ལོ་༡༩༩༨ ལོར་གསར་དུ་དབུ་བརྙེས་པ་ནས་བཟུང་། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་ངོས་ནས་འགྲོ་བ་མི་སྤྱིའི་དགེ་ རྩར་དམིགས་ནས་ནུབ་ཕྱོགས་ཀྱི་དེང་རབས་དཔལ་ཡོན་གྱི་ལེགས་ཆ་དང་། ཤར་ཕྱོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ གཉིས་གཞི་གཅིག་ཏུ་འཛོམས་ནས་ཕན་ཚུན་ལེགས་ཆ་ལེན་རེས་དང་གོ་རྟོགས་གོང་འཕེལ་བྱ་བར་ཤུགས་གནོན་རྒྱག་བཞིན་ ཡོད་ལ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དངོས་སུ་ལས་གཞི་འདིར་མགོན་དཔུང་གནང་ནས་སེམ ས་བསྩལ་བ་ལ་བརྟེན་ནས། ཤར་ནུབ་གཉིས་ཀྱི་ལྟ་བའི་འབྲེལ་ཟམ་འདི་བཞིན་སྔར་བས་ཀྱང་ལེགས་ཚོགས་ཀྱི་འབྲས་བུ་གཡུར ་དུ་ཟ་བ་སྨིན་བཞིན་ཡོད།
ཕྱི་ལོ་ ༢༠༠༧ ལོའི་ཟླ་༡༠ ཚེས་ ༡༩ ནས་ ༢༢ བར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་གའི་མཐོ་ སློབ་ཏུ་དངོས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། མཐོ་སློབ་འདིའི་ཁྱད་འཕགས་སློབ་དཔོན་ཆེན་མོའི་མཚན་གནས་ དགྱེ་བཞེས་མཛད། འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཨེ་མོ་རི་མཐོ་སློབ་ཀྱི་དྲ་གནས་འདི་དང་། འབྲས་སྤུངས་བློ་ གསལ་གླིང་གྲྭ་ཚང་གི་དྲ་གནས་འདི་ནས་གཟིགས་རོགས།
ཕྱི་ལོ་༢༠༠༨ ལོའི་ཟླ་༡ ཚེས་ ༧ ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨེ་མོ་རི་དང་བོད་ཀྱི་ཚན་ རིག་ལས་རིམ་འདིས་ཆེད་དུ་ཡིག་སྒྱུར་དང་པར་བསྐྲུན་བྱས་པའི་བོད་དབྱིན་ཤན་སྦྱར་གྱི་ཚན་རིག་དུས་དེབ་དབུ་འབྱེད་གནང་།
པར་རིས་གསར་འགྱུར།
༧གོང་ས་མཆོག་གི་ཆིབས་སྒྱུར།༧གོང་ས་མཆོག་དང་ཨེ་མོ་རི་གཙུག་ལག ་སློབ་གཉེར་ཁང་གི་གཙོ་འཛིན་སྐུ་ཞབས་ James W. Wagner དང་ལྷན་བཞུགས། ༢༠༠༧ ལོ།
༧གོང་ས་མཆོག་གི་ཆིབས་སྒྱུར།ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ མི་མང་ཁྲི་ཕྲག་དུ་མས་༧གོང་ས་མཆོག་གི ་ཆིབས་སྒྱུར་ལ་དགའ་གུས་དང་གསུང་བཤ ད་ལ་ཉན་བཞིན་པ།ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས།

